སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

བོན་གཏེར་ཚེ་དབང་གྲགས་པ་ལ་གླིང་གེ་སར་གྱིས་ཞལ་གཟིགས་ཚུལ།

 

བོན་གཏེར་ཚེ་དབང་གྲགས་པ་ལ་གླིང་གེ་སར་གྱིས་ཞལ་གཟིགས་ཚུལ།

རབ་བརྟན་དགེ་ལེགས་ཕུན་ཚོགས།  

༈ མདོ་ཁམསསྡེདགེའིཡུལགྲུའབྲིཀླུངགསེརལྡན་རིངམོའི་འགྲམངོགསམགོལོནཞེསཔའིལོ་ཆེནབཻརོ་ཙ་ནའིརྣམཔརསྤྲུལཟབགཏེརབསྟནཔའིདབངཕྱུགམིའགྱུརཚེདབངགསངསྔགསགྲགསཔ། རིགའཛིནཀུནགྲོལགསངརྩལ། གཏེརསྟོནཨོརྒྱནབདེཆེནགླིངཔ། གཡུངདྲུངབདུདའདུལཐོགསམེདརྩལསོགསཕྱིནངགསངཡངགསངབཞིའིམཚནདངལྡནཔའིབནབོནརིསམེདཀྱིགཏེརསྟོནཆེནཔོཞིགབྱོནཞིང། ཁོངརང་ལསྔརྗེསསུ་རྗེབཙུནའཕགསསྒྲོལམའིསྤྲུལནེགུང ་སྨན་རྒྱལམོདང་གླིངརྗེགེསརརྒྱལཔོའིཞལགཟིགསལནགསུམཙམབྱུངཞིང། དེའངདཀརཔོགླིངའབྱུངའགྱུརམངོནསུམལུངདུསྟོནཔའིནེནེགནམསྨནདཀརམོས་ཞལགཟིགསལུངབསྟནགནངཚུལནི། རིགའཛིནཀུནགྲོལགསངརྩལགྱིཕྱིནངགསངཐུནམོངདྲིལབའིགཏེརའབྱུངལོརྒྱུསརྣམཐརཆེནམོངོམཚརཔདྨའི་དགའཚལཐབསཤེསཉིཟླའིརྒྱནཅནལས། ཡངརེསཤིགདུསསུནུབགཅིགརྨིལམདུབུདམེདཤིནཏུབརྩེགདུངཅནཞིགགིས། བོདཡུལབཀྲཤིསགཡང་གིམཚོམོ། །མིཟགམིའཐིགསདཀོརདུབསྡམཡོད། །དེངསངགྱུཁུགདུསཀྱིདབངགིས། །སྔོནཚེགླིངརྗེགེསངསདེས། །བྱངབདུདཨགརྩེཀླུབཙནབསྒྲལདུས། །སྨོནལམལོགཔའིཚིགབཞིཤོརབ། །དནིམིཐོགསབོདདུཡོངངོ། །བུཁྱོདབདུདཀྱིརླངསཡོདདོགས། །སྒྱུལུསརུསསྦལགབལྟརདགོསངེས། །ངནིནེནེཡིནནོབོ། །ཨཧོཟེརནསཡལལོ། །ཞེས་གསུངསསོ། །ཡངཨོརྒྱནབདེཆེནགླིངཉིདདགུངགྲངསཉེར་བཞིའིསྟེངཕེབསཔ་རབབྱུངབཅུབཞིཔའིམེའབྲུག༡༨༥༦ ལོརསུམགླངགིགྱིམཤོདཤེལབྲགཚལལམཁྱུངཔོརྩེདྲུགཤེལལེརྒྱགརདུཟབགཏེརབཞེསཔརཕེབསདགོསཔའིལུངབསྟནབྱུངནསཕེབསཔའིལམབརནངཆེནལྕིཆུཁརཕེབསཉེཚེ་ནམམཁའསྤྲིནགྱིཕུངཔོའིནངནསགླིངརྗེགེསརསྐྱེསབུའདོརྐྱངརྒོདའཕེརཔོབཅིབསཔའིཞལགཟིགསཐོགམརབྱུངནསལུངབསྟནགྱིབརྡཚིགམངདུགསུངསབྱུངབའིཚུལརྒྱསཔར་ཐུནམོངཕྱིའིརྣམཐརཆེནམོརྣམཐརདེཉིདལས། དེནསགྱིམཤོདདུབསྐྱོདཚེལྕིཆུཁརསླེབཉེབརཕྱིནཔའིལམབརདེན། དཆུབརྒལའདུགདགོསཔསལྷསྲུངསྤྱིདང། ཁྱདཔརདགྲབླཝེརམའིཚོགསཀྱིགནངབུ། གླིངགིསེངཆེནརྒྱལཔོདེམཁྱེནགསོལདགོསབསམནསཚིགའགའདངབཤུལརིངམགྲོནསོགསའགྲོཞོརསྨྲསནསསོངཚེ། ནམམཁའིཁམསསུསྤྲིནཕུངསེངགེའགྱིངའདྲབའིགསེབམིབུདཀརཔོམཛེསབརྗིདཔ། ཞལངོདུངལྟརདཀརརྒྱསྐགཁུབསམདངསའདྲབ། སྤྱནམིགསྐརཆེནསངསལྟབུའིཟེརདངལྡནཔ། སྨིནམཐིངགིམདོགལྟརསྔོཁྱུགགེརཡོདཔ། ཞལཞིཁྲོཅནདབུལྕགསཀྱིརྨོགཞུདརའཕྲུདངརྒོདསྒྲོཡོདཔ། སྙནགཡསགཡོནགསེརགྱིསྙནརེརེབཏགསཤིང། སྐུཁྲབདངའཁོརགསུམགསོལནསཕྱགགཡསཔསསྦལྕག་དཀརཔོདརདཀརམགུལཆིངསཅན། གཡོནཔསསྟོངསྐུད་དམརཔོའིསྒྲིམབུསྦམཔོའིམདའའདྲཞིགབཟུངནསཡོདཔར། སྐུ་སྨདསྤྲིནདུནུབནསརྟདམརཔོཟེསྔོནཔོཅནཞིགགིསྐེདཡནཆདདངལགགཡསགཡོནམཐོངནསརྟམཆོགདེའིརྣགཡསགཡོནདརགྱིཅོདཔནརེརེ། ཟེསྤུཉགརེརེརིནཔོཆེསྣཚོགསཀྱིཚརཆུནརེརེ། ལགགཡསགཡོན་གྱིརྨིགརེནསགཡུཡིམདོགའབརཞིངསྔོའོདདངལྡནཔ། སུགམཐིངགིམདངསཆགསཔའིརྟམིཞིགམཇལབྱུངདངམཉམདུའདིལྟབུའིགླུདབྱངསསྙནཔོཞིག་ལྷངལྷངལེནཔརཐོས། ཨམོརེད། །ཚེརིངརྒྱུའིམོརེད། །གླུལ། །ཨགླུཡིལེནལུགསཡིན། །ཐངགགིབཀུགལུགསཡིན། །སའདིའིངོཨིཤེསཨང། །སའདིའིངོཤེསན། །གཡགསེབོའིམརཞབསཀྱི། །གཡུཕུགལྷོཡིཡརཟུརགྱི། །ལྕིཆུསྔོནམོའིཁུགཟུརཡིན། །རམཔོརིཡིལམསོཡིན། །ངའདྲའིངོཨིཤེསཨང། །ངའདྲའིངོཤེསན། །གསངའདུསཔའིསྤྲུལལ། །སྐུརྗེའཛམགླིངརྒྱལཔོཡིན། །འཕགསའཇམདབྱངསསྤྲུལལ། །གླིངགིགེསརདོནགྲུབཡིན། །ཡིདམལྷཡིསྲསབུཡིན། །མཁའའགྲོའབུམགྱིགཅེསཕྲུག་ཡིན། །རིགའཛིནབརྒྱདཅུའིབྱིནརླབསཡིན། །ཝེརསུམཅུའིགནངབུཡིན། །ཟོདོརསུམཅུའིཕུབོཡིན། །ནགཔོབདུདཀྱིགཤེདཡིན། །སེརཔོཧོརགྱིགཉའནོནཡིན། །གླུའདིའིགླུངོཨེཤེསཨང། །གླུའདིའིགླུངོཤེསན། །གླིངགིརྟགླུརིངམོདང། །དོནའགྲུབལམགླུའབུམམོགཉིས། །དུསགསུམམཉམནསཚིགསསུབསྡེབ། །ཚིགའདིའིཚིགངོཨེཤེསཨང། །ཚིགའདིའིཚིགངོཤེསན། །ཚིགའདིགཏནཚིགསའགྱུརམེདཀྱི། །ངོམཚརཉིའབུམལྡནཡིན། །དནངསལྕངལོཅན་ནས་ཡོང། །དོནུབརིབོརྩེལྔརའགྲོ། །དལྟསྐྱེསབུཁྱོདཉིདལ། །བདགཞལབསྟནཏེའཕྲདདུཡོང། །ཐུགསཡེངསཡིགླུཉོན། ། ཅེསསོགས་གླིངརྗེགེསརགྱི་རྣམཐརདངའབྲེལབའིལུངབསྟནགྱིགླུདབྱངསཚིགརྐངབརྒྱདངགྱདགུཡོདཔ་ཞིག་གསུངསཤིང། ལུངབསྟནགྱིབརྡགླུདེའིམཇུགཏུ། ངགླིངགིརྒྱལཔོདོནའགྲུབགཅིག །ཁྱོདབོདཀྱིརྣལའབྱོརཁསལེནགཉིས། །ཉིདུསདངདེརིངནས། །འགྲོདྲུགཉེསལེགསརངབཞིནདེ། །གསལདོགསལཏེཅིཕན། །བཤདམི་ཡོདདེཉནམིམེད། །བཤདཉནགཉིསའཛོམསན། །རྡོ་གོརམོཆུཡིསཨིའགྱོངན། །དམིམངམདོམཐོངཚིགགཅིགབཤད། །བཤདམིཆེདོནརྒྱགཏམགཅིགདྲིལ། །བརྡམིསྟོནགསེརམཛུབགུབཙུགས། །ཨབབརྒྱསྟོངཁབམིགགཅིགནསདྲངས། །ཁུངབརྒྱསྟོངལྷནཔོགཅིགགིསབཀབ། །མདོཡོངསབསྡུསརྣལའབྱོརཁྱོདརག །མམཁའའགྲོའིལུངམིབརྡལྟོས། །བློཡོངསདྲིལརྐྱེནཁརཤོརཞིག །དལནགཅིགསྐུཁམསབདེམོརབཞུགས། །ལནགཉིསརང་རེཚོགསརོལ། །ལནགསུམགསུངགིའཕྲོསགླེངཡོད། །ལནབཞིདངོསསུཞལམཇལ་ཡོང། །ལནལྔཐབསབསྟེནཏེམཆིས། །ཞེསགསུངསནསབརསྣངསྤྲིནདངབཅསཏེཇེམཐོརུསོངནསཤརཕྱོགསསུཡལཐལ། དེརུངསྐྱེསབུདོནགྲུབསེངཆེནརྒྱལཔོནོརབུདགྲའདུལདངལནགསུམཙམལསའཕྲོཡོདགསུངསངོམཚརཆེ། དེསྔགཏནནསམཇལམྱོངབསམཤརཚེཁོབོསྐབསདེརཐམཐམདུསོངཡོདལ། ནུབོཚུལཁྲིམསརྒྱལམཚནཤིནཏུབསྐྲགསནསཁོབོའིརྟཐགགིསའཇུའདུག །དེནསཁྱེདརླུངཁམསལངསརེདདམཟེར། དེའདྲཅིཡངརེད། བརསྣངསྤྲིནགྱིནངནསགླིངརྗེནོརབུདགྲའདུལདེམཇལབྱུངསྨྲས། ཞེསགསུངསདང། གླིངརྗེགེསརགྱིཞལགཟིགསགཉིསནིདགུངགྲངསཉེརདྲུགཕོརྟཡི༡༨༥༨ལོརཀོངཔོའིཕྱོགསསུཕེབསཏེ་ཀོངཔོབུཆུ་ལྷཁངདངབྲགགསུམགཡུམཚོམཇལསྐོརབྱོནསྐབསལྕངངུརེདཟམཆདནསཆུལསཐརཚེརྒྱལཔོགེསརགྱི་ཞལགཟིགསབྱུངནས་ཆུའིའཇིགསལསདབུགསདབྱུངབརམཛདསྟེ། རིགའཛིནཆེནཔོཀུནགྲོལགསངརྩལགྱིརྣམཐརབསྡུསདོན་སྐལ་ལྡནདགྱེསཔའིདགའསྟོནལས། རངལོཉེརབདུནལུགལོརབྲགགསུམགཡུམཚོསྐོརདུསོངབས། གཡུམཚོདྲགཔོམདངསལྡནདེཉིདདཀརཔོའོམ་ལྟརཞགཤསསུབྱུང། ཤོགསེརའབེབསཔའིམཚམསདམཔརབསྡམས། མཚོདེའིལྷོཕྱོགསབོངཆུསྲིནའདྲནསརྫསརྒོདདྲེགསཀུནའདུལསྦྲམབཅསརྙེད། ཡརའོངབསལྕངངུརེངཟམཆདནསཐརཚེ། ལྷསྲུངགསོལབཏབཔས། གླིངརྗེགེསརགྱིམཇལསྣངགཉིསའཇིགསསྐྱོབཀྱིཚུལདུབྱུངནས། ཟམཆད་ཀྱངའཕྲངལསསྒྲོལཐུབབྱུངངོ། །ཞེསགསུངསསོ། །གླིངརྗེགེསརགྱིཞལགཟིགསལནགསུམཡོདཔརགསུངསཔའིཞལགཟིགསགསུམཇིལྟརབྱུངཚུལདགུངགྲངསབཞིབཅུསྐོར་ཡནགྱིཕྱིནངགསངཡངགསངགིརྣམཐརཆོསཚནབཞིཅནགཏེརཆེནཉིདཀྱིསམཛདཔོདཆེནགཅིགབཞུགསཔའིནངདུམིགསལབས། དེརྗེསསྐུཚེའིསྨདབྱུངཞིགཨེཡིནསྙམདུསེམསསོ། ། ཞེས་སྨིན་དབུས་ཨ་དཀར་མིང་ལ་མཁོ་བ་བཞིན་རབབརྟནདགེལེགསཕུན ཚོགསཔསབྲིསསོ། །

འདིནིརབབརྟནདགེལེགསཕུནཚོགསཀྱིགེསརསྐོརགྱིགསུངརྩོམལསསོ། །

ཀློག་གྲངས།:[1823]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com