
ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོའི་ཡང་སྟེང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་གཟིམ་ཁང་དུ་བཞུགས་པའི་གླིང་གེ་སར་གྱིས་དམག་བརྡ་གཏོང་བྱེད་ཀྱི་མཁར་རྔ་སེང་ཆེན་འབྲུག་གྲགས་ཞེས་པ་འདི་ནི། ཁམས་ས་སྐྱོང་སྡེ་དགེའི་ལྷ་སྲས་ཤིག་གིས་ལོ་རྒྱུས་དང་བཅས་རྒྱལ་དབང་བཅུ་གསུམ་པར་ཕུལ་བར་གྲགས་ལ། ༺ སྔོན་བྲག་ཡབ་ཆུང་ཚང་སྐྱེ་སྲིད་གོང་མའི་སྐབས་ནང་རྟེན་གྱི་གཙོ་བོ་མཁར་རྔ་སེང་ཆེན་ཞེས་པ་འདི་བཞིན། འདི་ཕྱིའི་སྐྱབས་རྟེན་དུ་གུས་འབངས་སྤྲུལ་མིང་ཐུབ་བསྟན་བསྐལ་བཟང་འཕྲིན་ལས་འཇིགས་མེད་རྒྱ་མཚོའི་དྭངས་བའི་ཡིད་ཀྱིས་གུས་པས་ཕུལ། ཞེས་ཁ་བྱང་ཅན་གྱི་གླིང་རྗེ་གེ་སར་གྱི་མཁར་རྔ་འདི་ལ་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཀྱང་ཐུགས་གཙིགས་ཧ་ཅང་ཆེན་པོ་གནང་བར་གྲགས།
གླིང་གེ་སར་ཚང་འཕྲིན་ཚོགས་ཀྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་གྱི་གྲས།