

ཕྱོགས་ལས་རྣམ་རྒྱལ།
མགོ་ལོག་འཇམ་དབྱངས་བློ་གྲོས།
སྐུ་མཆོག་གེ་སར་རྒྱལ་པོ་ལ།།
འགྱུར་མེད་དཔའ་བོའི་གོ་ཆ་བརྟན།།
དགྲ་བླའི་གཟི་བྱིན་ལམ་སེ་ལམ།།
མི་ཡི་ཉི་མའི་སྐུ་ལ་བསྟོད།།
(སྐྱོར་ལེན)གླུ་ཨ་ལ་མོ།
མི་མཆོག་དགྲ་འདུལ་རྒྱལ་པོ་ལ།།
འགག་མེད་རྡོ་རྗེའི་རང་སྒྲ་གསལ།།
སྙན་པའི་དྲུག་འགྱུར་ལྷང་སེ་ལྷང༌།།
ནོར་བུ་དགྲ་འདུལ་མཆོག་ལ་བསྟོད།།
(སྐྱོར་ལེན)གླུ་ཨ་ལ་ལ་མོ།
{ཞེས་གླུ་སྒྲའི་ཁྲོད་མཇུག་བསྒྲིལ།
རྫོགས་སོ།
ཀློག་གྲངས།:[254]