སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ཤན་འདན་སྟག་སེང་འཁྲབ་གཞུང་། ༼ ༣༽

འཁྲབ་ཚན་གཉིས་པ།

མགོ་ལོག་འཇམ་དབྱངས་བློ་གྲོས།

མགོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས།།

འཇང་སྨུག་པོ་འདུལ་བའི་བཀའ་ལུང་བསྟན།།

ཧོར་ཐང་རྩེས་ཤན་པའྀ་སྐྱིད་སྡུག་ཞུས།།

གླིང་རྒྱལ་པོའི་དགོངས་གནང་ཅུང་ཙམ་ཐོབ།།

དེ་ནས་བུ་ཡང་སྒྲ་འམ་གང་རུང་འཇམ་པོ་ཞིག་ཁྲོད་དུ་ཡོལ་བ་འབྱེད་སྐབས། ལྷ་གུར་

གྱི་ནང་དུ་ནམ་གུང་གི་དུས་ཚོད་ལ་བསྟུན་ནས་གློག་གི་ཁྱད་ཆོས་ཐོན་དགོས། སྐུ་རྗེ་གེ་སར

་རྒྱལ་པོ་དཀྱིལ་དྲུང་དུ་བཞུགས་ནས་ལྷ་ལ་གསོལ་མཆོད་བྱེད་པའི་ཚུལ་དང༌། སྐུ་མདུན་དུ་

མཆོད་རྫས་སྣ་ཚོགས་བཤམ་སྟོན་བྱེད་དགོས། ཞལ་ཟས། རྐོང་བུ། བདུན་ཚར། མར་མེ།

མེ་ཏོག་མཆོད་པ་དང་རྟགས་བརྒྱད་ཀྱི་རྣམ་པ་སོགས་བསྒྲིག ཕྱོགས་ཀུན་ཤུག་པ་དང་སྤོས ་དྲི་འཐུལ། སྐབས་འདིར་སིལ་སྙན་སོགས་མཆོད་པའི་རྫས་ལ་འགྲོ་བའི་རོལ་མོ་སྙན་ཤིང་ལྷོད་ཆ་

ལྡན་པ་ཞིག་དགོས། གློ་བུར་ནམ་མཁའི་མཐོང་ནས་སིདྷིའི་སྒྲ་དབྱངས་ཞིག་དང་མཉམ་དུ་སྨུག་སྤྲིན་

གསེབ་ཏུ་མེ་ཏོག་པདྨའི་ཁྲི་སྟེང་ནས་སློབ་དཔོན་པདྨ་འབྱུང་གནས་གསལ་བྱུང༌། དབུ་ལ་པད་ཞུ།

སྐུ་ལ་ཟ་བེར་སྨུག་པོ། རྐང་ལ་སག་ལྷམ། ཞལ་ངོ་འཛུམ་གྱི་ཁེངས་འདུག ལྷ་མོའི་གར་འཆམ་ཞིག་གི་ཁྲོད་ནས་གེ་སར་གྱི་དེ་ཕྱོགས་སུ་གུས་ཕྱག་འཚལ་རྗེས་ཙོག་པུར་བཞུགས་ཏེ་ཉན།

མཁའ་འགྲོ གླུ‘‘——

ཉོན་དང་གེ་སར་རིགས་ཀྱི་བུ།།

ཡར་གཟིགས་ལ་བླ་མའི་བཀའ་ལ་ཉོན།། མགོན་སློབ་དཔོན་པདྨ་འབྱུང་གནས་ཀྱི།།

ལས་དོན ་ཆེན་གྱི་བརྡ་ལུང་འདི་འདྲ་ཡོད།

སློབ་དཔོན་གྱི་ཕྱག་རྒྱ་དང་བཅས།

སློབ་དཔོན།

རང་སེམས་རྒྱལ་བའི་གཞལ་ཡས་ནས།།

སངས་རྒྱས་སྣང་བ་མཐའ་ཡས་མཁྱེན།།

ཁྱོད་སེང་ཆེན་ནོར་བུུ་དགྲ་འདུལ་དང༌།།

ང་བླ་མ་ཨོ་རྒྱན་པདྨ་གཉིས།

དགུང་གི་ཉི་ཟླ་མཉམ་འགྲོགས་ཡིན།།

ལུས་དང་གྲིབ་མ་མཉམ་འབྲེལ་ཡིན།།

སེང་ཆེན་ནོར་བུ་དགྲ་འདུལ་ཁྱེད།།

བོད་དབུ་ནག་ཕ་ཆོས་སྒྲུབ་མི་ཡིན༌།།

ཆོས་སངས་རྒྱས་བསྟན་པ་འཛུགས་མི་ཡིན།།

ཧོར་བདུད་གཉིས་པོ་ཐུབ་གྱུར་ཀྱང༌།།

ད་དུང་འཇང་རྒན་འདུལ་རྩིས་དགོས།།

འཇང་གཡུ་ལྷ་གཡོ་འཛིན་བྱེད་པ་ལ།།

ཧོར་ཤན་པ་མིན་ན་མི་ཐུབ་པས།།

དེ་སེང་ཆེན་རྒྱལ་པོའི་ཐུགས་ལ་ཞོག།

དེ་ནས་ཡར་འཕགས་བཞིན་སློབ་དཔོན་ཞལ་ནས།

‘‘ད་སྨུག་པོ་འཇང་འདུལ་བྱེད་དགོས་པས།།

ཧོར་ཤན་པ་མྱུར་དུ་བཙོན་ལས་ཐོངས།།

གེ་སར།

‘‘ང་ལྷ་བུུ་མི་ཡུལ་འོང་བ་འདི།། མ་སེམས་ཅན་བདེ་ལ་འགོད་ཐབས་དང༌།།

ཆོས་སངས་རྒྱས་བསྟན་པ་རྒྱས་བྱེད་ཡིན།།

རྗེ་བླ་མའི་ཐུགས་སེམས་བདེར་མཛོད་དང༌།།

ངས་མི་ཡུལ་གྱི་ལས་དོན་འགྲུབ་ངེས་ཡིན།།

འབྲུག་མོའི་སེམས་ལ་སྐྱོ་བ་དང་བཅས་གེ་སར་གྱི་ཕྱོགས་སུ་འོང་།

གེ་སར།

འབྲུག་མོ་ལགས། སྔོན་འདིར་སློབ་དཔོན་གྱི་བཀའ་བབས་བྱུང

འབྲུག་མོ། སེང་ཆེན་རིན་པོ་ཆེ། ངས་ཐམས་ཅད་ཤེས་ཡོད་ལགས

ཕན་ཚུན་གྱི་ཕྱག་འབྲེལ།

འབྲུག་མོ།

སེང་ཆེན་རིན་པོ་ཆེ། དེ་སྔོན་བདུད་ཀླུ་བཙན་འདུལ་སྐབས་ཁྱེད་ལོ་

ངོ་མང་པོར་ཕྱིར་མ་ལོག ད་ལྟ་ཡང་འཇང་ཡུལ་དུ་ཕེབས་ན།

ང་འབྲུག་མོའི་སྐྱོ་གྲོགས་སུ་ཡིས་བྱེད།

ལོ་དང་ཟླ་བ་ཅི་ལྟར་བརྩི།

ཉིན་མཚན་རེས་མོས་ཅི་ལྟར་འདྲེན། སེང་ཆེན་རིན་པོ་ཆེ།

ང་འབྲུག་མོ་ལ་ཐུགས་བསམ་ཞིག་གནང་རོགས།

སྐབས་འདིར་བརྩེ་འདང་གི་ཉམས་ཐོན་དགོས།

གེ་སར།

ངའི་སྙིང་སྡུག་འབྲུག་མོ་ལགས། ང་ནག་པོ་བདུད་ལ་སོང་ཤུལ་ནས། ཁྱེད་ཀྱི་དཀའ་ལས་མྱང་སོང༌། ཁྱོད་ཀྱི་བཤད་པ་བདེན། ཁྱོད་ནི་ངའི་ཚེ་

རབས་ལས་ཀྱི་གཏན་གྲོགས་ཡིན་པ་མ་ཟད། དགའ་བའི་གླུ་ཆུང་ལེན་

རོགས་དང་སྡུག་དུས་སེམས་གསོ་མཛད་རོགས་ཡིན། འོན་ཀྱང་ང་ནི་གེ་སར་དམག་གི་རྒྱལ་པོ་ཡིན། གནའ་མི་བོད་ཀྱི་ཁ་དཔེ་ལ། མི་ཚེ་

ཇག་ལ་འགྲོ་བའི་ཆུང་མ་སྡུག དམག་དཔུང་ཁ་ལོ་སྒྱུར་བའི་ཡུལ་མི་

སྡུག་ཟེར་བའི་དཔེ་དང་ཆ་མཚུངས་རེད༌། འོན་ཀྱང་འདི་ནི་ལས་ཀྱི་

བསྐོས་ཐང་རེད་ཡ།

འབྲུག་མོ།

སེང་ཆེན་རིན་པོ་ཆེ། ཁྱེད་གཞན་ལ་ཕེབས་ཤུལ་ནས། ང་འབྲུག་ མོ་གྲོགས་མེད་ཁེར་རྐྱང་རེད། ཟས་ཤ་ཐུད་ལ་བྲོ་བ་མི་འདུག

ཇ་འོ་མ་ལ་མངར་ཁ་མི་འདུག ང་འབྲུག་མོའི་མི་ཚེ་ནི་རེ་སྒུག་དང་

སྐྱོ་སྡུག་ལས་མི་འདུག སེང་ཆེན་ལགས་རིན་པོ་ཆེ།

གླུགླུ་ཨ་ལ་འགུ་སེང་དྲུག་འགྱུར་འགུག།

གླུ་ཐ་ལ་སེང་ཆེན་དཔོན་ལ་ཞུ།།

བདུད་ནག་པོ་འདུལ་བར་ཕེབས་ཤུལ་ནས།།

སྨན་འབྲུག་མོའི་ལས་དབང་ཧོར་གྱིས་འཕྲོག།

དུས་ད་ལྟ་ཧོར་བདུད་ཐུལ་གྱུར་ཀྱང༌།།

ད་མི་འགྱངས་འཇང་ཡུལ་ཕེབས་དགོས་ན།།

སྨན་འབྲུག་མོའི་རེ་ལྟོས་སུ་ལ་བྱེད།།

ཆང་བདུད་རྩིའི་མཆོད་ཁ་སུ་ལ་འདྲེན།།

ལས་སྐྱིད་སྡུག་སྙིང་གཏམ་སུ་ལ་གླེང༌།།

རྗེ་གེ་སར་ལྷ་ཡི་སྲས་པོ་ལགས།།

སྨན་འབྲུག་མོ་བྱམས་བརྩེའི་བསྐྱངས་རོགས་ཞུ།།

གེ་སར།

‘‘——ཚེ་གྲོགས་འབྲུག་མོ་ལགས། སེམས་ཆུང་གི་གཏམ་དེ་འདྲ་ མ་བཤད༌། ཁྱེད་ཀྱི་བསམ་བློ་ཞིག་ཐོངས་དང༌། ང་ནི་སློབ་དཔོན་པད་ མའི་ཕོ་ཉ་ཡིན། ཕོ་ཉའི་ལས་དོན་འགྲུབ་ནས་དགོས། ཁྱེད་ནི་སྒྲོལ་

མའི་རྣམ་སྤྲུལ་ཡིན། ང་ཚོ་མི་ཡུལ་འདིར་ཡོང་དོན་བསྟན་དང་འགྲོ་

བའི་ལས་དོན་ཡིན། འདི་ནི་ཁྱོད་དང་ང་ཡི་ལས་སྐལ་ཡིན།

འབྲུག་མོ། ‘‘ལགས་སོ

གེ་སར། ‘‘འབྲུག་མོ་ཁྱོད་ཀྱི་ལྟོས་དང་ཤར་སྐྱ་རེངས་ཀྱི་སྐྱ་མདའ་གསལ་བྱུང༌།

མི་ཤོགས

ནང་བློན། ‘‘ཡོད་ལགས

གེ་སར། ‘‘ཁྱོད་མྱུར་མོར་སོང་ལ་གླིང་དཀར་པོའི་ཆེ་བ་སྤྱི་དཔོན་མན་ཆད་ཆུང་བ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ཡན་ཆད་ལས་གུར་དུ་འཛོམས་པའི་བཀའ་

ཕོབས་ཅིག

ནང་བློན། ‘‘ཡ་ལགས་སོ

གེ་སར་དང་འབྲུག་མོ་གཉིས་དལ་མོར་ཡིབས།

ནང་བློན། རྒྱལ་པོའི་བཀའ་ཉོན། གླིང་དཀར་པོའི་ཆེ་བ་སྤྱི་དཔོན་མན་ཆད། ཆུང་བ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ཡན་ཆད་ད་ལྟ་ལས་གུར་དུ་ཕེབས་ཤོག

དེ་ནས་དཔའ་རྟུལ་ཚོ་ཡར་ཕེབས་པ་དང་གེ་སར་རྒྱལ་པོ་ཁྲི་ལ་བཞུགས་པར་གུས་འདུད་དང་བསུ་བ་བྱེད།

ནང་བློན། ‘‘གེ་སར་རྒྱལ་པོ་ཕེབས་བྱུང

ཁོང་གི་ཁྲི་སྟེང་ནས་གོང་མའི་ལུང་བསྟན་བྱུང་ཚུལ།

གེ་སར྄། ‘‘ཀུན་གྱིས་ཉོན་ཅིག

གླུགླུ་ཨ་ལ་གླིང་པའི་ལེན་ལུགས་ཡིན།།

གླུ་ཐ་ལ་འགག་མེད་རང་སྒྲ་ཡིན།།

སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས།།

ང་འཛམ་གླིང་སེང་ཆེན་རྒྱལ་པོ་ཡིན།།

ཡར་ཉོན་དང་གླིང་རུའི་དཔའ་རྟུལ་རྣམས།།

མགོན་སློབ་དཔོན་པདྨ་འབྱུང་གནས་དེས།།

བུ་ང་ལ་ལུང་བསྟན་འདི་འདྲ་བྱུང༌།།

འཇང་སྨུག་པོ་མི་འགྱང་འདུལ་རྩིས་དགོས།།

ཕར་འགྱངས་ན་གླིང་ལ་གནོད་དོ་གསུང༌།།

འཇང་གཡུ་ལྷ་མ་གསོད་གསོན་བཟུང་དགོས།།

དེ་འཛིན་མི་ཧོར་གྱི་ཤན་པ་རེད།།

བུ་གཞན་པས་ངོ་ཡ་མི་འོང་གསུངས༌།།

དེ་ཅི་བྱེད་གླིང་རུའི་གྲོས་ཁ་མཛོད།།

དོན་དེ་ཚོ་ཕུ་ནུའི་ཐུགས་ལ་ཞོགས།།

ཀུན་གྱིས ལགས་སོ

ཐང་རྩེ་གཡུ་འབྲུག་གིས་དར་དཀར་པོ་ཞིག་མདུན་ལ་འབུལ་བཞིན་གུས་གུས་ཞུམ་ཞུམ་ངང་འདི་ལྟར་ཞུ།

ཐང་རྩེ།

རྒྱལ་མཆོག་མི་ཡི་ཉི་མ་སེང་ཆེན་རིན་པོ་ཆེ་ལགས། སྒར་འདབས་

ལ་བཏགས་པའི་ཧོར་ཤན་པས་ཁྱེད་ལ་ཡར་ཞུ་ཞིག་སྐུར་ཡོད་པས་ཉིད་ཀྱིས་

གསན་རོགས། དཔོན་པོ་ཁྲོ་ཐུང་རྒྱལ་པོ་དེས། ཁོ་ཤན་པ་སྒུར་དབང་

མི་སྟེར་བར། ཁ་ལོག་ཙག་ལོག་བྱེད་བྱེད། ཚིག་ལོག་ཐོག་གི་འཕེན་འཕེན།

ད་དུང་མགོ་ལ་ཐལ་ལྕག་བརྒྱབ། ངོ་ལ་མཆིལ་ཞགས་འཕང༌། ལུས་ལ་རྡོག་

ཐོ་བརྒྱབ། ཁོ་ཁྲོ་ཐུང་རྒྱས་པོའི་ངོ་མ་སྒུར་དབང་མི་སྟེར་བས་ཁྱེད་སེང་ ཆེན་རིན་པོ་ཆེའི་ཁོ་ཉེས་ཅན་ཤན་པ་ལ་ཐུགས་རྗེས་སྤྱན་གྱིས་གཟིགས་

རོགས། སྤྱིར་ཁྱེད་རྒྱལ་མཆོག་རིན་པོ་ཆེའི་བཀའ་དང་ལེན་ལོས་བྱེད་དང་

ཁྲོ་ཐུང་གིས་ཁོའི་སྙིང་རྩ་གཏིང་ནས་དཀྲུག་སོང༌། དཔོན་ཁྲོ་ཐུང་ཁོང་གཉིས་ཀྱི་རྣོན་པོའི་མཚོན་ཆ་མི་འཛིན། སྲ་མོའི་གོ་ཁྲབ་མི་གོན། མགྱོགས་

པོའི་བང་ཁ་མི་གཤིབ། ཁུ་ཚུར་ཐལ་ལྕག་གཞུ་རེས་ཞིག་བྱས་ན་ཆོག་པའི་

དགོངས་གནང་ཞིག་ཞུ་ཟེར། རིན་པོ་ཆེ

དཔལ་རྟུལ་ཚོའི་འདྲ་མིན་གྱི་སྐད་ཆ་མང་པོ་ལབ།

གེ་སར། —— ཁོ་རེ་ཐང་རྩེ་གཡུ་འབྲུག ཁྱོད་ཧོར་སེར་པོའི་དཔོན་བློན་

རྣམས་ཀྱིས་གླིང་ཕོ་སོང་རྒྱབ་གྱི་མོ་གཞི་གཏོར། དཔའ་རྒྱ་ཚའི་དབུ་

མགོ་མཁར་ཐོག་བཙུགས། སྨུག་པོ་གདོང་གི་ཇ་མཁར་བཤིག ཕ་ཟོག་ལས་ཀ་ཆ་བརྒྱད་དེད། སེང་ལྕམ་འབྲུག་མོ་བཙན་འཕྲོག་བྱས། ལས་རྒྱུ་ཅི་ཡོད་ལས་ནས་སོང༌། ད་རང་ཚོད་བཟུང་ནས་བསྡད་ན་

དགའ།

ཐང་རྩེ།

དེ་མ་གསུང་སེང་ཆེན་རིན་པོ་ཆེ། ང་ཐང་རྩེའི་རེ་ཐོག་འཇོག་

རོགས་ཞུ། ཧོར་གྱི་ཤན་པ་དང་དཔོན་ཁྲོ་ཐུང་འདི་གཉིས་བྱ་བྱེད་པ་

ངོ་མ་ཁྲོ་ཐུང་ཁོ་ལ་ལན། ཤན་པ་འདི་གླིང་སྡེ་ལ་བསམ་པ་དཀར།

ལྷ་ཆེན་ཚངས་པ་དཀར་པོ་དང་ཁྱེད་རྒྱལ་མཆོག་མི་ཡི་ཉི་མ་གཉིས་

ཀྱི་ལོས་མཁྱེན་རེད། ཤན་པ་ལ་ཁག་མེད་ཡོག་མེད་རེད་ཡ་་་་་

རིན་པོ་ཆེ།

གེ་སར། ཡ་ཁོ་རེ—— ཁྱོད་ནན་ཞུ་ཐང་རྩེ་ཨུ་ཚུགས་ཅན། ཁ་ཁ་རོགས་

འདུག་ན་དགའ། ཤན་པ་གླིང་ལ་བསམ་པ་ཅུང་ཟད་དཀར། གླིང་ཨ་

ཁུ་ཁྲོ་ཐུང་བྱ་བྱེད་མང༌། འོན་ཀྱང་ཤན་པ་བཙོན་ལས་མི་གཏོང་ཁོ་ཐག

ཡིན། ཧོར་ཤན་པ་འདོགས་བྱེད་ལྕགས་ཐག་འདོམ་དགུ་ཡིན།

འདོགས་ས་ཕ་བོང་གཡག་རོ་ཙམ། ཁོ་དེ་གཏོར་རྒྱུའི་ཤེད་ཤུགས་ཨེ་ཡོད།

གལ་ཏེ་ཁོ་དེ་འདྲའི་སྟོབས་ཤུགས་ཞིག་ཡོད་ན་གླིང་ཨ་ཁུ་ལ་སྤར་འཛིང་

ཞིག་བྱས་ན་ཆོག

ཐང་རྩེ། ལགས་སོ ——ལགས་སོ

འདན་མ་དང་དགྲ་ལྷ།མི་འཐད་པའི་ཚུལ་གྱིསརྒྱལ་མཆོག་རིན་པོ་ཆེ།

¿འཁྲབ་ཡོལ་བརྒྱབས།

ཀློག་གྲངས།:[120]

ཀློག་གྲངས།:[3458]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com