སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ཤན་འདན་སྟག་སེང་གི་འཁྲབ་གཞུང་། ༼ ༢༽

འཁྲབ་ཚན་དང་པོ།

མགོ་ལོག་འཇམ་དབྱངས་བློ་གྲོས།

གླིང་དཀར་པོ་སྐྱིད་པའི་དགྱེས་ཞལ་འཛོམས།། ཀུན་དགའ་བདེའི་གླུ་གར་སྐྱེམ་ཆང་བཞེས།། ཧོར་བདུད་སྡེ་འདུལ་བའི་གསུང་གླེང་ཁྲོད།། བློན་ཤན་པ་བཙོན་གྲོལ་བྱེད་མིན་གྲོས།།

རྨ་སྐེད་ལུ་གུའི་རྩེད་ར་ཞེས་པའི་གནས་ན། སྟེང་ན་ལྷ་ཡི་སྤྲུལ་པའི་གུར་ཕུབ། བར་ན་

མེ་ཏོག་གི་ཆར་ཟིམ་བབས། འོག་ན་ཀླུ་ཡི་སྤྲུལ་པའི་ཕྱག་རྒྱས་ཉམས་དང་སྟོད་ཀྱི་ཕྱོགས་

དང་གཡས་གཡོན་སུ་རྨ་ཆེན་གངས་རི་དང་རྨ་ཆུ། ཕོ་བྲང་བཅས་གསལ་སྒྲིབ་མེད་པར་

མངོན་དགོས། གེ་སར་ལ་གསེར་ཁྲི་དང་སྤྱི་དཔོན་དང་ཁྲོ་ཐུང་གཉིས་ལ་གཡས་གཡོན་སུ་

སྟག་གདན་དང་གཟིག་གདན་ཡིན་ན་ལེགས་སྙམ། ཐོག་མར་གསལ་བཤད་ཟིན་རྗེས་ཡོལ་བའི་སྒོ་འབྱེད་སྐབས་གོང་གི་ཁྱད་ཆོས་དེ་དག་འཛོམས་ཐོག་རྔ་དང༌། གླིང་བུ། ཟངས་དུང༌།

དུང་དཀར་གྱི་སྒྲ་བཅས་ཁྲོད་ལྷ་གུར་ནང་གསལ། དེ་ནས་གེ་སར་རྒྱལ་པོ་ཁྲི་སྟེང་ནས་

ཧར་གྱིས་བཞེངས་ཏེ།

གེ་སར།ལགས་སོ། རྨ་ཡུལ་གླིང་གི་ས་ཆ་ལ། དེ་རིང་སྐྱིད་པའི་

ཉི་མ་ཤར། ངེད་ཁྲ་མོ་གླིང་གི་དམག་དཔུང་གིས་ཕར་སོང་དགྲ་དཔུང་ ཆམ་ལ་ཕབས། ཚུར་འོང་རང་ཡུལུ་བདེ་ལ་བཀོད། བདུད་ཀླུ་བཙན་

རྒྱལ་པོར་ཐོད་མདའ་སྤྲད། ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད།

རྒྱལ་ཁའི་དར་དཀར་མཁའ་དབྱིངས་སུ་བསྐྱོད་པའི་སྐབས་འདིར་

ཐམས་ཅད་ཀྱི་དགའ་སྐྱིད་སྟོན་མོ་གྱིས་ཤིག

ཐམས་ཅད་ཀྱིལགས་སོ

མ་སྲུ་རྣམས་ཀྱི་སྒྲ་དབྱངས་འཇམ་པོ་ཞིག་གི་ཁྲོད་ནས་གྲལ་བསྒྲིག་ནས་ཆང་འདྲེན་དང་

ཁ་བཏགས་ཕུལ་་རྗེས་གྲལ་མཐར་འཁོད། དཔའ་རྟུལ་རྣམས་ཀྱི་ཆང་ཕོར་བཏེགས་

བཞིན་ཕོ་མོ་ཡོངས་ཀྱི་མཉམ་དུ། ཆང་གླུ།

བདུད་རྩི་འོ་མའི་རྒྱ་མཚོ།།

སྐྱེམ་ཕུད་གསེར་སྐྱེམ་དངུལ་མ།། བདུད་རྩི་རོ་བརྒྱ་ལྡན་པའི།།

ལྷ་གཙང་མ་ཕུད་ཀྱི་མཆོད་པ་འབུལ།། མཆོད་པ་འབུལ་ཡ་མཆོད་པ་འབུལ།

ལན་གསུམ

མ་སྲུ་རྣམས་ཕར་སོང༌། དེ་ནས་སྤྱི་དཔོན་རྒྱལ་པོའི་དགའ་འཛུམ་དང་བཅས་ཨག་ཚོམ་

བྱིལ་བྱིལ་བྱེད་བཞིན་གྲལ་དཀྱིལ་འོང་ནས་འདི་སྐད།

སྤྱི་དཔོན། ‘‘ཡ་གླིང་གེ་སར་རྒྱལ་པོ་གཙོར་མཛད་པའི་གླིང་རུའི་དཔའ་རྟུལ་

རྣམ་པ། དེ་རིང་དགའ་སྤྲོ་ཤིན་ཏུ་ཆེ། གླིང་རྒྱལ་པོའི་ཞལ་ངོ་

འཛུམ་གྱིས་ཁེངས༌། དཔའ་རྟུལ་ཚོའི་སེམས་པ་སྐྱིད་ཀྱིས་ཁེངས༌། སྤྱི་སྡེ་

འབངས་དགའ་སྤྲོའི་འཚོ་བ་རྒྱས། དཔའ་རྟུལ་ཚོ། དེ་རིང་ང་ཚོའི་དགྲ་

བདུད་སྡེ་འདུལ་བའི་དགའ་སྤྲོ་དང༌། ཧོར་དམག་སེར་བཅོམ་པའི་གཏང་

རག་ལ། རྩལ་ལྡེམ་དྲུག་འཛོམས་པའི་སྟག་ཤར་དང༌། གཟུགས་སྐྱེ་ལུས་

འཛོམས་པའི་མ་སྲུ་ཚོའི་ལྡེམ་མྱུར་ལུས་ཀྱི་བྲོ་གར་ཞིག་འབུལ་བར་བྱོས

ཐམས་ཅད་ཀྱིས‘‘ ལགས་སོ

སྐྱེས་པ་ཚོའི་ལག་ཏུ་གསེར་རྔ་ཐོགས་ཤིང་མ་སྲུ་ཚོའི་ལག་ཏུ་ཁ་བཏགས་རེ་བཟུང་ནས་སྐྱེས་པའི་ལག་རྔའི་སྒྲ་དང་མ་སྲུའི་རྐང་འགྲོས་གཉིས་རམ་འདེགས་བྱེད། དེ་རྗེས་སྐྱེས་མའི་ལག་གི་ཁ་བཏགས་དག་དཔའ་

རྟུལ་ཚོར་འབུལ་རྗེས་ཕྱིར་གར་སྟེགས་ལས་བབས། ཁྲོ་ཐུང་རྒྱལ་པོའི་སྔ་ལྟས་ཕྱི་ལྟས་བྱེད་བཞིན་གྲལ་

དཀྱིལ་ལ་འོང་ནས།

ཁྲོ་ཐུང༌། ‘‘——གླིང་གི་དཔའ་རྟུལ་རྣམ་པ། ང་ཚོའི་སྐུ་རྗེ་སེང་ཆེན་རྒྱལ་

པོ་འདིས་བདུད་རྒན་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད་ནས་དུག་ནག་

རླངས་པ་ཕྱི་རེ་བསད། ཧོར་གུར་དཀར་རྒྱལ་པོ་གཉའ་སྒ་བསྟད་ནས་ངུ་

འབོད་ཤ་རེ་བཏུལ། ཁོང་ང་ཚོ་ལ་བཀའ་དྲིན་མི་ཆེའམ

དཔའ་རྟུལ་ཡོངས་ཀྱིས

‘‘སྐུ་རྗེ་སེང་ཆེན་རྒྱལ་པོ། འཛམ་གླིང་མི་ཡི་ཉི་མའི་སྐུ་ཚེ་བསྐལ་བའི་

བར་དུ་བརྟན་པར་ཤོག

ཞེས་གུས་འདུད་བྱེད

སླར་ཡང་ཁྲོ་ཐུང་རྒྱལ་པོའི་བྲེལ་འཚུབ་ངང་

ཁྲོ་ཐུང༌། ‘‘རྣམ་པ་ཚོ། དཔོན་ཆེན་པོ་ཁྲོ་ཐུང་རྒྱལ་པོ་ངས། རང་སྲོག་

ལ་མ་འཛེམས་པརཧོར་སེར་དམག་སྒར་ལ་རྒྱུགས་ནས་རྟ་ཁྱུ་ཐེངས་གཉིས་

ལ་བཅད་ནས་སྟེང་མ་འཛམ་གླིང་ལ་གྲགས་པ་ཞིག་བྱས་ནས་གླིང་དཀར

་དཔའ་རྟུལ་ཡོངས་ལ་ནང་བགོ་བྱས། ང་ཨ་ཁུ་བཀའ་དྲིན་མི་ཆེ་

འམ

ཕོ་བྲང་ནང་གི་མི་ཐམས་ཅད་ཧབ་ཆ་བརྒྱབ་སོང་།

ཁྲོ་ཐུང་ཨུ་ཐུག་ནས།

ཁྲོ་ཐུང༌། ‘‘ཧ་ཧུང——སྙིང་པོ་མི་འདུག དྲིན་ཆེན་ལ་དྲིན་ལོག

ཞེས་སྡུག་སྨྲེ་འདོན་བཞིན་ཕྱིར་ཁྲི་སྟེང་ལ་སོང་

གེ་སར། ‘‘——ཉོན་དང་ཚོ་ཆེན་ལྷ་སྡེ། ཧོར་གྱི་ཤན་པ་རྒྱལ་པོ་དེ་ལ

་ཉེས་ཅན་གྱི་ཆད་པ་ཅི་ཞིག་བཅད་ན་འགྲིག དེ་མིན་བཙོན་ལ་ལོ་ཚད་

ག་འདྲ་འདུག་དགོས། དཔའ་རྟུལ་ཚོའི་ཐུགས་གྲོས་ཤིག་མཛོད་དང་

གླིང་པ་རྣམས་ཀྱི་སྐད་ཆ་འདི་ཡིན་མི་གསལ་པའི་ཤབ་ཤུབ་བཟླས་བྱུང༌།

སྤྱི་དཔོན།ཡ་གླིང་པ་ཚོ༌། ཨ་ཁུའི་གཏམ་ལ་ཉོན་དང༌། ཧོར་གྱི་ཤན་པ་རྒྱལ་

པོ་འདི། སྟེང་མ་ལྷ་ནས་དམ་ཚིག་གཅིག ནག་པོ་རྒྱ་ནས་འབྲེལ་བ་

གཅིག སྤྱིར་གླིང་དཀར་སྟོད་ལ་བསམ་པ་དཀར། དཔའ་རྒྱ་ཚའི་སྐུ་ སྲོག་ཤོར་བ་དེ་ཧོར་ཤན་པས་ཁོ་བསམ་ནས་དགྲོང་པ་མིན། དཔའ་

རྒྱ་ཚའི་ཚེ་མཇུག་རྫོགས་པ་དང༌། ཧོར་སེར་པོའི་སྟེང་ལ་ཁོང་ཁྲོ་སློང་ བྱཻད་ཡིན། ཁོང་སྐུ་གཞན་ལ་གཤེགས་པ་དེ་སེམས་ཅན་གྱི་

འགྲོ་དོན་ཡིན་ན་ཧོར་ཤན་པ་ལ་མནར་གཅོད་མ་བྱས་ན་ལེགས་སྙམ།

རྣམ་པ་ཚོའི་ཐུགས་བསམ་གནང་རོགས

འདན་མ་དང་འགའ་རེ་མ་གཏོགས་ཀུན་གྱིས་ཡིན་ལུགས་ཀྱི་སྐད་ཆའི་ཁྲོད་ནས་མགོ་གུག་

གུག་བྱེད།

འདན་མ། ‘‘——གོང་གི་རྒྱལ་པོའི་ཉོན། འདབས་ཀྱི་བློན་འབངས་ཉོན། དཔོན་རྒྱ་ཚ་དགྲོང་པའི་ལག་དམར་དེ་ཁྲིམས་ཆད་ཅི་ཡང་མེད་པར་

ཀུ་ཡངས་སུ་བཏང་ན། ང་ཚ་ཞང་འདན་མ་མི་འཐད་ཁོ་ཐག་ཡིན

ཁྲོ་ཐུང་ཁོང་ཁྲོ་དང་འཚབ་ཚུབ་ཀྱི་ཁྲོད་ནས་གྲལ་དཀྱིལ་ལ་རྒྱུགས་འོང་ནས

ཁྲོ་ཐུང༌། ‘‘——གླིང་གི་དཔོན་བློན་རྣམ་པ། ཁྱེད་རྣམ་པས་ཐུགས་

བསམ་ཞིག་ཐོངས་དང༌། ཧོར་ཤན་པ་ཟེར་བའི་བློན་ངན་དམར་རྒྱ་ བ་འདིས། གླིང་དམག་ལ་དང་ལུང་ལ་གཏོར། འདིས་ཧོར་གུར་

དཀར་རྒྱལ་པོའི་རྒྱུགས་ཁྱི་བྱས། ཁྱད་པར་དུ། ཁྱད་པར་དུ། གླིང་གི་དུང་ཟླ་དཀར་པོ་གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་སྐུ་སྲོག་

ཤན་པའི་ལག་ལ་ཤོར་སོང་ཡ། གླིང་གི་རྒྱལ་བློན་རྣམ་པ། ཐུགས་

བསམ་ཞིག་ཐོངས་དང༌། ཧོར་ཤན་རྒན་འདི་ལ་ཉིན་གཅིག་གི་སྲོག་

ཁྲིམས་གཅོད་རྒྱུ་ཕར་འགྱངས་བྱས་ན། ངས་རྒྱ་ཚ་ཞལ་དཀར་མིག་ལ་ཤར་

ནས་ཉི་མ་མི་ཆོད་གི་ཡ། དཔོན་བློན་རྣམ་པ། ཧོར་ཤན་པ་ཁོ་སྲོག་ ཁྲིམས་གཅོད་དགོས་ཡ

ཞེས་ངུ་འབོད་བྱས་ནས་ཡར་རྒྱུགས་མར་རྒྱུགས་བྱས། གླིང་པ་རྣམས་ཀྱི་ཁྲོ་ཐུང་ལ་ཉམས་

མཚར་གྱི་ལྟད་མོ་བལྟ་བ་ཙམ་ལས། རྣ་བ་གཡོར་མཁན་མི་འདུག

དེ་ནས་སྤྱི་དཔོན་རྒྱལ་པོ་ཁྲོ་ཐུང་གི་ཉེ་སར་བཏུད་ནས།

སྤྱི་དཔོན། ‘‘——ཁྲོ་ཐུང་རྒྱལ་པོ། ལུང་མེད་སྐད་ཆ་དེ་འདྲ་མ་བཤད། གེ་སར་རྒྱལ་པོའི་བཀའ་དགོངས་དང༌། གོང་མ་ལྷ་ཡི་ལུང་བསྟན་གྱི་

ཐག་གཅོད་མ་བྱས་གོང༌། ཁྱོད་ཀྱི་གཏམ་འདི། རྒྱལ་པོའི་ཅི་བཤད་

མ་གོ་གོང༌། གཡོག་པོའི་གཏམ་བཤད་ཐག་ཐག་ཐག བླ་མས ་ཅི་གསུངས་མ་གོ་གོང༌། གྲྭ་བས་འདོན་སྐད་ལྷང་ལྷང་ལྷང༌། ཟེར་བ་

དེ་མ་ཡིན་ནམ། སྤྱིར་ཧོར་གླིང་འཁྲུག་པ་བྱེད་ཉིན་ལ། ཕྱི་མགོ་ ནང་ལ་བཙོང་མཁན་དང༌། ནང་མི་ཕྱི་ལ་སྤྲོད་མཁན། ཧོར་གུར་

དཀར་ལ་མནའ་ཚིག་འཇོག་མཁན། ཧོར་ལ་མགོ་འབུལ་ལུས་འབུལ་

བྱེད་མཁན་ཚོར། ཁྲིམས་ཀྱི་ཆད་པ་ནན་མོ་བཅད་ན་འགྲིག་མོད།

འོན་ཀྱང༌། མི་ངོ་ལྷ་ངོ་ལ་བལྟས་ནས་བཞག་ན་རང་སར་འདུག་ཤེས་

ན་དགའ

དེ་དུས་གླིང་དམག་རྣམས་ཁོང་དགོད་ཙུ་རུ་རུ་བྱས་བྱུང༌།

ཁྲོ་ཐུང་རྒྱལ་པོ་ངོ་ཚ་ནས་ཅི་བྱེད་འདི་བྱེད་མེད་པར། ཡར་རྒྱུགས་མར་རྒྱུགས་འགའ་བྱས་ནས

ཁྲོ་ཐུང༌། ‘‘ཧོར་གྱི་ཤན་རྒན་དེ་ངའི་རང་ལ་མི་སྐྱུར་ཁོ་ཐག་ཡིན

ཞེས་སྒོར་རྒྱུགས་རྗེས་གླིང་དམག་རྣམས་ཧབ་ཆ་དི་རེ་སོང༌།

འཁྲབ་ཡོལ་འཐེན།

ཀློག་གྲངས།:[96]

ཀློག་གྲངས།:[2453]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com